Loading home…

ཁྱེད་ནི་རང་བཞིན་གྱི་གླུ་བ་དཀྱུས་མ་ཞིག་མ་ཡིན་ཏེ། ཁྱེད་ཀྱི་བླངས་བའི་གཞས་མ་གཏམ་ལ་གསར་གཏོད་དང་གཏན་ཚིག་གི་རང་བཞིན་ལྡན་ལ། གཞས་ཚིག་དེ་ཡང་ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས་ལྡན་པས་མི་རིགས་ཀྱི་དར་རྒུད་དང་འཕེལ་འགྲིབ་འཁོད་ཡོད། ཁྱེད་ཀྱི་བླངས་བས་གླུ་གཞས་ལ་ག་ཚོད་ཉན་ན་དེ་ཚོད་དུ་སྤྲོ་སྣང་མྱོང་ཐུབ་ལ། ཁྱེད་ཀྱི་གླུ་ལ་ཉན་པ་ནི་རང་བཞིན་གྱི་རོལ་དབྱངས་ཤིག་མ་ཡིན་ཏེ། རིག་གནས་དང་ལོ་རྒྱུས་ལ་སློབ་སྦྱོང་གི་རང་བཞིན་ཡོད་ལ་བློ་སྐྱེད་ཀྱི་ནུས་པ་ལྡན། མདོར་ན་ཁྱེད་ནི་ མཐོ་སྒང་གི་གྲེ་བ། དབྱངས་ཀྱི་མ་མ། གངས་ཀྱི་བུ་ཕོ། རིག་གནས་ཀྱི་སྤྱོད་བཟང་། མི་གཤིས་ཀྱི་དང་པོ། མཛེས་སྡུག་གི་དང་པོ། གཞས་གཏམ་གྱི་དང་པོ། རྒྱུ་རྩལ་ཀྱི་དང་པོ། ངའི་རེ་བའི་དང་པོ་ བདེ་སྐྱིད་ཚེ་རིང༌གི༌རོལ༌དབྱངས༌ཚོགས༌པ༎